མི་རང་གིས་ངོ་སྤྲོད།

         ད་རེས་ནང་པ་གི་དུས་ལུ་  བློ་བཟང་དང་བློ་རིག་ཅན་མང་ནི་འདི་གིས་  སྐྱོན་བརྗོད་འབད་མི་ཡང་མངམ་ལས རང་གི་ངོ་སྤྲོད་ཅིག་སྤྲོད་རུང་  འོས་འབབ་དང་ལྡནམ་འབད་སྤྲོད་ཚུག་ག་ མི་ཚུག་ག་མནོ་བའི་ ཚ་གྱང་ཡང་འབྱུང་མས།  ཨིན་རུང་ སྐྱོན་དང་ནོར་བ་འདི་བཟུམ་ཅིག་མ་འབད་བར་  མཁས་པའི་སྒོ་ཕངས་ཐོབ་མི་ག་ཡང་མེདཔ་ལས་  སྐྱོད་བརྗོད་འདི་ལུ་  འདྲོག་ནི་དང་ངོ་ཚ་དགོཔ་ཅིག་མིན་འདུག་ཟེར་མནོལྦ་མས།
         ཁ་ཉེས་འདི་ལུ་བཀལ་འདི་  རང་གི་ངོ་སྤྲོད་ཉུང་ཉུང་ཅིག་སྤྲོད་པ་ཅིན  ང་ར་སྐྱེས་ཡུལ་སྦོམ་ཡུལ་  འབྲུག་བུམ་ཐང་སྡེ་བཞི  ཨུ་ར་སྒེ་འོག་  ཨུ་ར་དོ་བཞི  ཀུར་བ་ཁྱིམ་ནང་ལས་ཨིན།  ང་བཅས་ཕོ་སྤུན་ལྔ་དང་ མོ་སྤུན་གཉིས་འབད་ སྡོམ་བདུན་ཡོད་པའི་ནང་ལས་  ཆུང་ཤོས་འདི་ང་ཨིན།  ང་གི་གཞི་རིམ་ཤེས་ཡོན་འདི་ ཨུ་ར་སློབ་གྲྦ་ཆུང་བ་ གསར་སྤང་འབྲིང་རིམ་བར་མའི་སློབ་གྲྦ་དང་  གཞལམ་སྒང་འབྲིང་རིམ་གོང་མའི་སློབ་གྲྦ་ཚུ་ནང་སྦྱང་བའི་ཤུལ་ལས་  གཙུག་ལག་འོག་མའི་ཤེས་ཚད་  ཞི་བའི་བཟོ་རིག་ནང་སློབ་སྦྱོང་འདི འཇིག་མེད་རྣམ་རྒྱལ་འཕྲུལ་རིག་སྤེལ་ཁང་ནང་ལས་  དབྱིན་ལོ་ ༢༠༠༨  ནང་མཐར་སྐྱེལ་ཡི།

          འདི་ཀྱི་ཤུལ་ལས་  དབང་འདུས་རྫོང་ཁག་ན་  ལོ་ངོ་གཉིས་དང་ཕྱད་ཀྱི་རིང་ལུ་  ཞི་བའི་བཟོ་རིག་ཆུང་བ་གི་གོ་གནས་འབག་སྟེ་   རང་གི་མི་ཚེ་འཚོ་སྐྱོང་འབད་དི་སྡོད་ཡི།  ད་ལྟོ་སྐབས་སུ་འབབ་པ་  རྒྱ་གར་ རཱ་ཇས་ཐཱན་  ཨཱཇ་མེར་  བག་བླཏ་གཙུག་ལག་སློབ་སྡེ་ནང་  ཞི་བའི་བཟོ་རིག་ནང་མཐོ་རིམ་ཤེས་ཡོན་ལྷབ་དོ།

1 comment:

  1. དྲག་དྲག་དཔལ་ལྡན་འབྲུག་པའི་བུ་བརྒྱུད་ཁྱོད་ ཤེས་ཡོན་ཞི་བའི་བཟོ་རིག་ནང་སྦྱང་རུང་ རྒྱལ་ཡོངས་སྐད་ཡིག་ལུ་དང་འདོད་བསྐྱེད་མི་ལུ་ངལ་རངས་དང་དགའ་ཚོར་སྦོམ་ཡོད།

    ReplyDelete