རྣམ་བསྐོས་ལྷ་ལས་བབས་པའི་རྒྱལ་བཙུན་གཉིས།།


གངས་དང་ཁ་བ་འབྲེལ་ས་མེད་པའི་གཡུས།།
དགའ་བའི་ཉི་མ་ནུབ་ནི་མེད་པའི་གཡུས།།
མི་གིས་མ་བཟོ་དུས་སྟོན་ལས་རིམ་ཚུ།།
ལྷ་དང་ལྷ་མོའི་ལུང་བསྟན་ཚུ་ལས་འབྱུང་།།
འཆིབས་རྟ་གསེར་གྱིས་བྱའི་གཤོག་སྒྲོ་བཟུམ།།
གཅིག་མཐུན་ཐོག་ལུ་ཡོད་མའི་རྒྱལ་ཁབ་ནང་།།
ལུང་བསྟན་ཅན་གྱིས་དབང་ཕྱུགས་གདུངས་བརྒྱུད་ལས།།
བྱམས་བརྩེ་ཅན་གྱི་མི་དབང་རྒྱལ་པོ་གིས།།
ཐུགས་རིགས་དམ་ཚིག་གཙང་མའི་་་་མདུད་ཕུད་འདི།།
ལུང་བསྟན་ཅན་གྱི་བཙུན་མོའི་ཐུགས་ལུ་རྟགས་་་་་་ཐུགས་ལུ་རྟགས།།

གནམ་དང་སྐར་མ་ནམ་ཡང་འབྲེལ་ས་མེད།།
ཆུ་དང་ཉ་མོ་རྟེན་ཀྱང་གཅིག་ཁར་ཨིན།།
ཉིམ་དང་འོད་ཟེར་འབྲེལ་ས་མེད་དོ་བཟུམ།།
རྒྱལ་བཙུན་གཉིས་ཀྱི་ཐུགས་ཀྱི་བརྩེ་གདུངས་འདི།།

སྐུ་ཚེ་གྱངས་ཁ་མེད་པའི་རིང་ལུ་སྨོ།།
འགྱུར་བ་མེད་པ་ཡུན་རིང་གནས་འདི་གི།
དད་པ་ཅན་གྱི་མི་སེར་ང་བཅས་ཡང་།།
ཏ་བུ་ཁྱོད་ཀྱི་འབངས་ལུ་སྐྱེས་ཅུག་ཅི།།
ཏ་བུ་ཁྱོད་ཀྱི་འབངས་ལུ་སྐྱེས་ཅུག་ཅི།།
ཁ་མདོག་དཀར་བའི་གདང་གདངས་་་་་་ལྡན་བའི་ཁར།།
གསུངས་སྐྱེད་ཧེན་པའི་དུང་དཀར་གཡས་ཁྱིརལ་བཟུམ།།
འཛུམ་དང་དཀར་བའི་མི་དབང་ཞལ་ལས།།
ཧེན་པའི་གསུངས་བཤད་འབྲུག་མི་ཡོངས་ལུ་གནང་་་་་ཡོངས་ལུ་གནང་།།
རྣམ་བསྐོས་ལྷ་ལས་བབས་པའི་རྒྱལ་བཙུན་ཨིན།།
དམ་ཚིག་དར་གྱི་མདུད་ཕོད་གཞི་བཟང་ཨིན།།
དད་པ་ཅན་གྱི་མི་སེར་ང་བཅས་ཚུ།།
སེམས་ཀྱི་མདིང་ལས་དགའ་བའི་གླུ་དབྱངས་ཨིན།།
ལུང་བསྟན་ལྷ་ལས་འབབ་པའི་བཙུན་མོ་གིས།།
མི་དབང་རྒྱལ་པོའི་ཕྱགས་ཕྱིད་ཞབས་ཏོག་ཚུ།།
གང་དྲགས་ཞུ་བའི་བློ་གཏད་ཡིད་ཆེས་ཚུ།།
ང་བཅས་འབྲུག་མི་་མི་སེར་ཡོངས་ཀྱི་ཡོད།།
མི་དབང་འབྲུག་རྒྱལ་ལྔ་པའི་གསེར་ཁྲི་གུ།
འབྱོན་པའི་ཉིམ་ལུ་ཞེས་པའི་ཁས་བླངས་འདི།།
འབྲུག་མི་ཡོངས་ལུ་རྒྱལ་པོའི་ཚུལ་མེནམ་པ།།
མི་སེར་ཡོངས་ཀྱི་བུ་དང་ནུ་གཅུང་བཟུམ།།

ཕྱགས་ཕྱིད་ཞུ་ནི་ཁས་བླངས་གཞེས་མི་འདི།།
ད་རེས་དངོས་སུ་མཇལ་བར་ཡམ་ཚེན་ཆེ།།
དབང་ཕྱུགས་རྒྱལ་འཛིན་རྒྱལ་བརྒྱུད་སྤེལ་ཐབས་ལུ།།
མཁའ་མགྲོའི་མཚན་རྟགས་ལྡན་པའི་རྗེ་བརྩུན་མ།།
མཁའ་མགྲོའི་མཚན་རྟགས་ལྡན་པའི་རྗེ་བརྩུན་མ།།
བརྩུནམ་འབད་གཞེས་པའི་དགའ་བའི་ཉི་མ་ལུ།།
འབྲུག་མི་ཡོངས་ལས་བཀྲིས་ལེགས་སྨོན་ཞུ།།
རྣམ་བསྐོས་ལྷ་ལས་བབས་པའི་རྒྱལ་བཙུན་ཨིན།།
དམ་ཚིག་དར་གྱི་མདུད་ཕོད་གཞི་བཟང་ཨིན།།
དད་པ་ཅན་གྱི་མི་སེར་ང་བཅས་ཚུ།།
སེམས་ཀྱི་མདིང་ལས་དགའ་བའི་གླུ་དབྱངས་ཨིན།།
ལུང་བསྟན་ལྷ་ལས་འབབ་པའི་བཙུན་མོ་གིས།།
མི་དབང་རྒྱལ་པོའི་ཕྱགས་ཕྱིད་ཞབས་ཏོག་ཚུ།།
གང་དྲགས་ཞུ་བའི་བློ་གཏད་ཡིད་ཆེས་ཚུ།།
ང་བཅས་འབྲུག་མི་སེར་ཡོངས་ཀྱི་ཡོད།།

༼ གནས་ལས་བཟང་པོ་མི་ཞུ་གནས་བཟང་ཞུ ༽


  གནས་ལས་བཟང་པོ་མི་ཞུ་གནས་བཟང་ཞུ །།  གནས་ལས་བཟང་པོ་ཆོས་འཁོར་ལྷ་ས་ཞུ །།
གནས་བཟང་འདི་རུ་བཞུགས་པའི་སྐོན་གཉེར་ཚུ །།  གཞན་པ་ངེས་ཚོ་གནས་བཤད་སྟོང་རོགས་མཛད།།
གཞན་པ་ངེས་ཚོ་གནས་བཤད་མ་སྟོང་ན།།  གཞན་པ་ངེས་ཚོ་ས་མཐའ་བྱང་ནས་རེ།།
ལ་འདི་ཆེ་བ་རྣམས་གསུམ་བརྒལ་ནས་ཡོང །།   ལ་འདི་ཆུང་བ་ཐེན་ཕངས་སྒོམ་ནས་ཡོངས།།
ཆུ་འདི་ཆེ་བ་གྲུ་ཆེན་རྒྱབ་ནས་ཡོངས།། ཆུ་འདི་ཆུང་བ་ཟམ་པ་བརྩུག་ནས་ཡོངས།།
ས་འདི་ནག་པོ་སྡོམ་གྱིས་མཇལ་ནས་ཡོངས།། སྤྲིན་འདི་དཀར་པོ་ས་ཁར་བརྩུགས་ནས་ཡོངས།།
གནས་བཟང་འདི་རུ་བཞུགས་པའི་སྐོན་གཉེར་ཚུ །།  གཞན་པ་ངེས་ཚོ་གནས་བཤད་སྟོང་རོགས་མཛད།།
གཞན་པ་ངེས་ཚོ་གནས་བཤད་མ་སྟོང་ན།།  གཞན་པ་ངེས་ཚོ་ས་མཐའ་བྱང་ནས་རེ།།
འགྲོ་སྒོ་སྟོག་པའི་ཚ་གྱང་ང་ལ་མེད །།  ཨམ་སྦྱོང་ནང་ལ་ཀ་རམ་བུ་རམ་ཡོད།།
ཁ་འདི་སྐོམ་པའི་ཚ་རྒྱང་ང་ལ་མེད།།  རོ་སྡུངས་ནང་དུ་ཨ་རགས་སྡུད་བརྩི་ཡོད།།
དམྱལ་བ་འགྲོ་བའི་ཚ་གྱང་ང་ལ་མེད།།  ལགས་ལ་ལ་སྐོར་མཱ་ནི་རྣམས་ནས་ཡོད།།